歌曲

古老的歌谣(藏)(HD)

扎西平措 国语 寂寞空灵
播放: 1

歌词

编码: UTF8
སྔ་སྔ་མོ་ཡི་སྲིད་པ་ཆགས་པའི་དུས། གནམ་ས་གཉིས་འདྲེས་ནས་ཁྱུང་གིས་ཁ་ཕྱེ་ལོའོ། ཉིན་མཚན་ཕྱེ་མཁན་ཉི་མ་རེད། ཉི་མ་སེར་པོ་འཛམ་བུའི་ནོར་བུ། ནོར་བུའི་ནང་གི་ནོར་བུ། ནུ་བོས། གང་སྐྱིད་ན་སྐྱིད་པའི་མཆོག་ཏུ་འགྱུར་བར་ཡིན་ནམ་དྲིས། ཕུ་བོས། སེམས་སྐྱིད་ན་སྐྱིད་པའི་མཆོག་ཏུ་འགྱུར་བ་ཡིན་པར་གསུང་། སེམས་པ་བདེ་ན་ལ། བདེ་བའི་མཆོག་རེད་དོ། བདེ་སྐྱིད་སྲིད་པ་ཆགས། གནའ་སྔ་མོ་སྲིད་པ་ཆགས་པའི་དུས་འདི་ལ་གནམ་ས་འདྲེས། ཁྱུང་ཆེན་པོས་མེ་ཟླུམ་ཆིབས་ནས་ཉིན་མཚན་གྱི་དབྱེ་བ་ཕྱེ། རྒྱལ་པོ་རེད། ནོར་བུ་རེད། མཁའ་ཡི་རྒྱལ་པོ་ཁྱེད་རང་རེད། འཛམ་གླིང་མུན་པ་སེལ་མཁན་འདི་ནོར་བུ་ནང་གི་ནོར་བུ་རེད། མི་རིན་པོ་ཆེ་ལ་རྒྱུ་ཡི་ལ་ཚོད་འཛིན་གང་གིིས་བྱེད། ནོར་རིན་པོ་ཆེ་ལ་ཆོག་ཤེས་ཀྱི་བསམ་པས་ཚོད་འཛིན་གསུང་། བདེ་བ་རེད། བདེ་སྐྱིད་རེད། བདེ་སྐྱིད་སྲིད་པ་ཡོངས་སུ་དར། ཕུན་སུམ་ཚོགས་པའི་སྲིད་པ་ཆགས་པའི་གླུ་དབྱངས་འདི་མཉམ་དུ་ལེན། སྔ་སྔ་མོ་ཡི་སྲིད་པ་ཆགས་པའི་དུས། གནམ་ས་གཉིས་འདྲེས་ནས་ཁྱུང་གིས་ཁ་ཕྱེ་ལོའོ། ཉིན་མཚན་ཕྱེ་མཁན་ཉི་མ་རེད། ཉི་མ་སེར་པོ་འཛམ་བུའི་ནོར་བུ། ནོར་བུའི་ནང་གི་ནོར་བུ། ནུ་བོས། མི་རིན་པོ་ཆེ་ལ་རྒྱུ་ཡི་ཚོད་འཛིན་གང་གིས་བྱེད། ཕུ་བོས། ནོར་རིན་པོ་ཆེ་འདི་ཆོག་ཤེས་བསམ་པས་ཚོད་འཛིན་གསུང་། ཆོག་ཤེས་སེམས་པས་ལ། བདེ་བ་ཐོབ་རེད་དོ། བདེ་སྐྱིད་སྲིད་པ་དར། ནུ་བོས། གང་སྐྱིད་ན་སྐྱིད་པའི་མཆོག་ཏུ་འགྱུར་བར་ཡིན་ནམ་དྲིས། ཕུ་བོས། སེམས་སྐྱིད་ན་སྐྱིད་པའི་མཆོག་ཏུ་འགྱུར་བ་ཡིན་པར་གསུང་། སེམས་པ་བདེ་ན་ལ། བདེ་བའི་མཆོག་རེད་དོ། བདེ་སྐྱིད་སྲིད་པ་ཆགས། སེམས་པ་བདེ་ན་ལ། བདེ་བའི་མཆོག་རེད་དོ། བདེ་སྐྱིད་སྲིད་པ་ཆགས། སེམས་པ་བདེ་ན་ལ། བདེ་བའི་མཆོག་རེད་དོ། བདེ་སྐྱིད་སྲིད་པ་ཆགས།
APP
下载
点击免费下载APP