ང་ཡི་འཚོ་བའི་ལམ་ཆུང་ཆུང་འདིར།
ཁྱེད་མཇལ་ཡོང་བསམ་པ་མ་བྱུང་།
ཤར་སྤང་རིའི་སྟེང་གི་མེ་ཏོག་དཀར་པོ།
ཁྱེད་ཀྱི་འཛུམ་མདངས་བཞིན་བཞད་བྱུང་།
ང་ཡི་འོད་ཟེར་སྒྲོན་མ་ལགས་མེ་ཏོག
རླུང་གི་རྒྱུགས་ཕྱོགས་བརྟེན་ནས་ཡོང་།
དྲན་པའི་ཡིག་ཆུང་སྤྲིན་ལ་བསྐུར།
མགྱོགས་པོ་མཇལ་བའི་སྨོན་ལམ་འདེབས་ཡོད། འདེབས་ཡོད།
ལ་མོ་གཅིག་རྒྱབ་གཉིས་རྒྱབ་རེད།
དྲན་པའི་ཡིག་ཆུང་གླུ་ལ་བསྐུར།
སུས་ཀྱང་འགོག་ཐབས་མེད། སུས་ཀྱང་འགོག་ཐབས་མེད།
ལྷད་མེད་སེམས་འདི་ཅང་ཤེས་རྟ་ཕོ།
ལྷད་མེད་སེམས་འདི་ཅང་ཤེས་རྟ་ཕོ།
ང་ཡི་འཚོ་བའི་ལམ་ཆུང་ཆུང་འདིར།
སླར་མཇལ་ཡོང་བསམ་པ་མ་བྱུང་།
ཤར་སྤང་རིའི་སྟེང་གི་མེ་ཏོག་དཀར་པོ།
ཁྱེད་ཀྱི་ཐུགས་སེམས་བཞིན་བཀྲ་བྱུང་།
ང་ཡི་འོད་ཟེར་སྒྲོན་མ་ལགས་མེ་ཏོག
རླུང་གི་རྒྱུགས་ཕྱོགས་བརྟེན་ནས་ཡོང་།
དྲན་པའི་ཡིག་ཆུང་སྤྲིན་ལ་བསྐུར།
མགྱོགས་པོ་མཇལ་བའི་སྨོན་ལམ་འདེབས་ཡོད། འདེབས་ཡོད།
ལ་མོ་གཅིག་རྒྱབ་གཉིས་རྒྱབ་རེད།
དྲན་པའི་ཡིག་ཆུང་གླུ་ལ་བསྐུར།
སུས་ཀྱང་འགོག་ཐབས་མེད། སུས་ཀྱང་འགོག་ཐབས་མེད།
ལྷད་མེད་སེམས་འདི་ཅང་ཤེས་རྟ་ཕོ།
ལྷད་མེད་སེམས་འདི་ཅང་ཤེས་རྟ་ཕོ།
ཁྱེད་ཀྱིས་གསུངས་བའི་བཀའ་མོལ་འདི།
ཁུ་བྱུག་སྒྲ་དབྱངས་ལས་སྙན།
ཁྱེད་རང་མཛེས་པའི་འཛུམ་མདངས་འདི།
ཡིད་སྐྱོ་བའི་མུན་པ་འདི་གསལ་ཡོང་།
ཁྱེད་ཀྱིས་གསུངས་བའི་བཀའ་མོལ་འདི།
ཁུ་བྱུག་སྒྲ་ལས་སྙན།
དཀར་པོའི་གངས་རི་དྭངས་གཙང་ཆུ་མོ་བཞིན།
སེམས་ནང་གི་སྡུག་བསྔལ།
སེམས་ནང་གི་སྡུག་བསྔལ་འདི་སེལ་སོང་།
རླུང་གི་རྒྱུགས་ཕྱོགས་བརྟེན་ནས་ཡོང་།
དྲན་པའི་ཡིག་ཆུང་སྤྲིན་ལ་བསྐུར།
མགྱོགས་པོ་མཇལ་བའི་སྨོན་ལམ་འདེབས་ཡོད། འདེབས་ཡོད།
རླུང་གི་རྒྱུགས་ཕྱོགས་བརྟེན་ནས་ཡོང་།
དྲན་པའི་ཡིག་ཆུང་སྤྲིན་ལ་བསྐུར།
མགྱོགས་པོ་མཇལ་བའི་སྨོན་ལམ་འདེབས་ཡོད། འདེབས་ཡོད།
ལྷད་མེད་སེམས་འདི་ཅང་ཤེས་རྟ་ཕོ།