གཞས་ཚིག ཁམས་སྙན་གྲགས།
གཞས་གདངས གངས་དཀར་ཟླ་བ།
གཞས་པ གངས་དཀར་ཟླ་བ།
ཀརྨ་སྒར་བྲིས་གཙོས་པའི་ཤར་ཀྱི་ལུགས། །
བཅའ་དང་བླུགས་དང་འབྲི་ལ་སོགས་པ་ཡི། །
སྣ་ཚོགས་ལྷ་ཡི་བཟོ་ལ་བྱང་ཆུབ་པའི། །
སངས་རྒྱས་ཚེ་རིང་ཞེས་པ་མཁས་པའི་མཆོག །
ཨོ་་་ ་་་ལྷ་གསོན་པོ། ལྷ་གསོན་པོ།
སྣ་ཚོགས་ལྷ་ཡི་བཟོ་ལ་བྱང་ཆུབ་པའི། །
སངས་རྒྱས་ཚེ་རིང་ཞེས་པ་མཁས་པའི་མཆོག །
རིག་གནས་ཀུན་ཀྱི་ཉིང་བཅུད་བཟོ་ཡི་གནས། །
ཡོངས་སུ་གྲགས་དེ་ཉིད་ཀྱི་ཐུགས་སུ་བསྟར། །
ལུགས་གཉིས་གང་ལའང་མཁོ་གལ་ཆེ་བའི་གནས། །
རིག་པའི་དཔལ་འདི་མངའ་བའི་ལྷ་གསོན་པོ། །
ཨོ་་་ ་་་ལྷ་གསོན་པོ། ལྷ་གསོན་པོ།
ལུགས་གཉིས་གང་ལའང་མཁོ་གལ་ཆེ་བའི་གནས། །
རིག་པའི་དཔལ་འདི་མངའ་བའི་ལྷ་གསོན་པོ། །
ནོར་གྱིས་ཕོངས་པའི་ཉམ་ཐག་དབུལ་པོ་དང་། །
ཤེས་རིག་མེད་པའི་ཡིག་རྨོངས་ཁྱུ་ཚོགས་ལ། །
ལྷག་ཏུ་སྨན་པའི་ཤེས་རབ་མིག་སྟེར་བ། །
ཟླ་མེད་ལྷ་བཟོ་མཁན་པོར་གཏན་དུ་གུས། །
ཨོ་་་ ་་་ལྷ་གསོན་པོ། ལྷ་གསོན་པོ།
ལྷག་ཏུ་སྨན་པའི་ཤེས་རབ་མིག་སྟེར་བ། །
ཟླ་མེད་ལྷ་བཟོ་མཁན་པོར་གཏན་དུ་གུས། །
ཨོ་་་ ་་་ལྷ་གསོན་པོ། ལྷ་གསོན་པོ།
ལྷག་ཏུ་སྨན་པའི་ཤེས་རབ་མིག་སྟེར་བ། །
ཟླ་མེད་ལྷ་བཟོ་མཁན་པོར་གཏན་དུ་གུས། །